作词 : 桑尕白
ཁྱིམ་ཐབ་ཀ་མེ་འོད་དཀར་ཆ་ཅན།།
ཕྱག་འཚལ་ནས་དབུས་ལ་བརྒྱ་སོང་ཡང་།།
ཨ་མ། ཨ་མ། དྲིན་མོ་ཆེ།
ལས་ཡག་ཉེས་སེལ་བའི་ལམ་རོགས་ཡིན།།
ཚིག་སྙན་མོ་བདེན་པའི་ལེགས་བཤད་ཅན།།
མ་དྲིན་མོ་ཆེ་ཡི་གསུང་ཞིག་ཡོད།།
སེམས་ཡ་ཆུང་དཀྱིལ་ན་མ་ཞིག་ཡོད།།
དྲིན་མ་ལོའི་ལག་ཟས་རྙེད་དཀའ་ཀི།
དཔལ་འདོད་དགུའི་ལོངས་སྤྱོད་བརྒྱ་རོལ་ཀྱང་།།
ཨ་མ། ཨ་མ། དྲིན་མོ་ཆེ།
ལུས་ལང་ཚོ་དར་སའི་ཕ་ཁྱིམ་ཡིན།།
སྦྲ་སྨུག་པོའི་ནང་ན་དྲོད་ཅིག་ཡོད།།
དྲིན་མ་ལོར་ཕུལ་བའི་གླུ།
ཕ་མེས་པོའི་རིང་གི་སྦྲ་ཞིག་ཡོད།།
ཆུང་བྱིས་པའི་རྩེད་ར་བརྗེད་དཀའ་ཀི།
ཕྱི་ས་མཐའ་བསྐོར་ནས་བརྒྱ་སོང་ཡང་།།
ཨ་མ། ཨ་མ། དྲིན་མོ་ཆེ།
ན་མེ་ཏོག་ཁུག་གི་རྩེད་རོགས་ཡིན།།
བེའུ་སྔོ་རིས་ཟངས་ཀྱི་དྲིལ་ཆུང་ཅན།།
སྟོད་རྫ་རི་སྨུག་པོའི་འདབས་ན་ཡོད།།
གནའ་དང་མ་རུ་བ་སྟོད་ན་ཡོད།།
ལེན་མཁན། བསང་སྐལ་བྷེ།
དབྱངས། ཀླུ་ཤོད་སྐལ་ཚེ།
ཚིག བསང་ཚེ་བཀྲ།
དྲིན་མ་ལོའི་དྲིན་ལན་བསལ་དཀའ་ཀི །