尕尔东《雨后邂逅了彩虹》[MP3-320K]

2025-07-30 09:59
4

作词 : 尕尔东

作曲 : 尕尔东

编曲 : 尕尔东/格桑嘉措

制作:马尔康大马帮

ཆར་ཤུལ་གྱི་རྩྭ་ཐང་སྟེང་དུ་འཇའ་ཚོན་སྒུག་ཏུ་འགྲོ།

དྲོད་འཇམ་གྱི་ཉི་འོད་དང་འགྲོགས་ནས།

ང་རང་འཇིག་རྟེན་འདི་ལ་འཚོ་སྡོད་བྱེད་མ་མྱོང་བའི་སྣང་ཚུལ་ཞིག་སྐྱེས་བྱུང་།

འཇའ་ཚོན་དེ་མཐོང་བའི་དུས་སུ།

སྔོན་ཆད་ང་རང་ཐང་དཀར་དང་འདྲ་བར་ནམ་འཕང་གཏད་ན་འདོད།

ནམ་མཁའི་དབྱིངས་ལ་འཕུར་ཏེ་ལས་དབང་གི་བཀོད་པ་དེ་བསྒྱུར་ན་འདོད།

ཡོད་ཚད་བྱིས་པའི་རྨི་ལམ་ཐེངས་གཅིག

ཨ་རོགས་ཆ་མེད་པའི་མི་རྒྱུས་མེད་པའི་མི་ཁྱོད་རང་གང་དུ་འགྲོ།

རི་བོའི་ཁ་ལ་ལྷུང་བའི་འཇའ་ཚོན་གྱི་མཛེས་སྡུག་དེ་ཁྱེད་ཀྱིས་མཐོང་སོང་ངམ།

ཨ་རོགས་གང་ནས་ཡོང་བ་གང་ལ་འགྲོ་བ་མ་ཤེས་པའི་འཇིག་རྟེན་གྱི་མི།

གླུ་དེ་ཐོས་སམ། གླུ་འདི་ཐོས་སམ།

ཉི་མ་ཤར་བའི་དུས་སུ་ང་རང་རྒྱང་རིང་ལ་འགྲོ་དགོས།

དྲོད་འཇམ་གྱི་ཉི་འོད་དང་འགྲོགས་ནས།

ང་རང་འཇིག་རྟེན་འདི་ལ་འཚོ་སྡོད་བྱེད་མ་མྱོང་བའི་སྣང་ཚུལ་ཞིག་སྐྱེས་བྱུང་།

ཕ་ཡུལ་གྱི་རི་ཆུ་མཐོང་བའི་དུས་སུ།

སྔོན་ཆད་ང་རང་ཁུ་བྱུག་དང་འདྲ་བར་རི་གླུ་བླངས་ན་འདོད།

གླུ་ཡི་དབྱངས་ལ་བཟི་ནས་ནང་སེམས་ཀྱི་སྡུག་བསྔལ་དག་དོར་ན་འདོད།

ཡོད་ཚད་ང་ཡི་རྨི་ལམ་ཉག་གཅིག

མུན་ནག་གི་རྨི་ལམ་ནང་དུ་ང་ལ་གཤོག་པ་ཐོགས་བྱུང་།

རི་གླུ་དེ་རི་ལས་གྲག་དུས་ཁྱོད་ཀྱི་འཛུམ་མདངས་མཐོང་སོང་།

མུན་ནག་གི་རྨི་ལམ་ནང་དུ་ང་ལ་གཤོག་པ་ཐོགས་མྱོང་།

རི་གླུ་དེ་རི་ལས་གྲག་དུས་ཁྱོད་ཀྱི་འཛུམ་མདངས་མཐོང་མྱོང་།

རྒྱུས་མེད་པའི་མི།

下载链接    
直接下载(无损音质)
格式:FLAC / WAV
点击下载
⚠️ 反诈提示:请勿点击不明链接,谨防诈骗!
© 2025 资源提供方声明:本资源仅供个人学习交流,请24小时内删除,禁止用于非法用途。
如有版权问题,请联系 Xspri@gmail.com 投诉。
最新回复 (0)
返回
发新帖