邓丽君《北の宿から-来自北方客栈的思念》[FLAC]

2025-07-29 06:43
4

ཟླ་འོད་འོག་གི་དྲན་གདུང་།

གཞས་ཚིག འཇུ་ཐུབ་བསྟན་བཀྲ་ཤིས།

གཞས་དབྱངས། རྫོགས་ཆེན་བསྟན་འཛིན།

གཞས་མ། ཁམས་སྐྱིད་མཚོ།

ནམ་མཁའི་སྤྱན་མིག་ཕྱེས་སོང་།།

སྤྲིན་པ་མཁའ་ནས་དེངས་སོང་།།

ཆུ་སྟོད་ཟླ་བ་དཀར་པོ།།

སྒེའུ་ཁུང་ནང་ནས་ཤར་བྱུང་།།

ཆུ་སྟོད་ཟླ་བ་དཀར་པོ།།

སྒེའུ་ཁུང་ནང་ནས་ཤར་དུས།།

ང་ཡི་མིག་གི་མཐའ་ལ།།

དྲན་པའི་མཆི་མ་འཁོར་བྱུང་།།

དྲན་པའི་མཆི་མ་འཁོར་བྱུང་སེམས་ཀྱི་བྱམས་པ།།

མཇལ་བའི་སྨོན་ལམ་བཏབ་ཡོད་ཡིད་ཀྱི་དྲན་པ།།

-

ཆུ་ཡི་ཆུ་རིས་ཤིག་ཤིག །

རླུང་བུའི་འཁོར་ཕྱོགས་ཡིན་འདུག།

དྲན་པའི་རླབས་ཕྲེང་གཡོ་བ།།

ས་ཐག་རིང་ནས་ཡིན་འདུག།

ཆུ་བོ་ཤང་ཤང་ཞིག་ལ།།

དྲན་པའི་ཡིག་ཆུང་བསྐུར་ཡོད།།

དྲན་པའི་ཡིག་ཆུང་ནང་ལ།།

སྙིང་གི་ཚིག་གསུམ་བྲིས་ཡོད།།

དྲན་པའི་ཡིག་ཆུང་བསྐུར་ཡོད་སྙིང་གི་བྱམས་པ།།

བརྩེ་བའི་ཕྱག་གིས་ལོངས་དང་ཡིད་ཀྱི་དྲན་པ།།

དྲན་པའི་ཡིག་ཆུང་ནང་ལ།།

]སྙིང་གི་ཚིག་གསུམ་བྲིས་ཡོད།།

དྲན་པའི་ཡིག་ཆུང་བསྐུར་ཡོད་སྙིང་གི་བྱམས་པ།།

བརྩེ་བའི་ཕྱག་གིས་ལོངས་དང་ཡིད་ཀྱི་དྲན་པ།།

བརྩེ་བའི་ཕྱག་གིས་ལོངས་དང་ཡིད་ཀྱི་དྲན་པ།།

下载链接    
百度网盘链接
点击下载(百度网盘)
提取码:fjry
⚠️ 反诈提示:请勿点击不明链接,谨防诈骗!
© 2025 资源提供方声明:本资源仅供个人学习交流,请24小时内删除,禁止用于非法用途。
如有版权问题,请联系 Xspri@gmail.com 投诉。
最新回复 (0)
返回
发新帖